{མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།}                                                                                         
དེ་རིང་ནི
མདུན་ངོས། དབུ་ཤོག > སྨན་ཁང་གསར་འགྱུར། > ནང་དོན་གྱི་ངོས།

མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་གི་བྲང་ཁོག་ཕྱི་ནད་ཚན.

དུས་ཚོད།2026--06--02--འབྱུང་ཁུངས།བོད་ཡིག་པར་ངོས།རྕོམ་པ་པོ།བོད་ཡིག་པར་ངོས།གཏགཐེངས།
མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་གི་བྲང་ཁོག་ཕྱི་ནད་ཚན་ཁག་གིས་དཀའ་ཚད་ཆེ་བའི་ཁ་གཉིས་ཁོག་རྒྱང་ཤེལ་གྱིས“Tདབྱིབས་ལྟར་མཐུན་སྦྱོར”བྱས་ནས།“བྲང་སྒོའི་འབྲས་སྐྲན་གྱི་ཆ་ཤས་ཤིག་མིད་པའི་སྨད་དང་ཕོ་བར་ཁྱབ་པའི”དོགས་གཞི་ཅན་གྱི་ནད་གཞི་ཞིག་ལ་སྨན་བཅོས་བྱས་པ།

ཐབས་ལམ་བྲལ་བའི་གཏིང་ཟབ་པའི་སྐྲན་ནད་ལ་འཕྲད་སྐབས་དཀའ་ཚད་མཐོ་བའི་ཕྱི་ནད་ཚན་ཁག་གི་འགག་སྒྲོལ་དམག་འཐབ་སྤེལ་དགོས་པ་དང་།ཉེ་དུས་རང་རེའི་སྨན་ཁང་བྲང་ཕྱིའི་ནད་ཚན་ཁག་གིས་རིག་ཚན་མང་པོའི་MDTཚོགས་པ་དང་མཉམ་དུ་ནད་པ་དེའི་རིགས་ཀྱི་སྨན་བཅོས་བྱས་པ་དང་།གཤག་བཅོས་མ་བྱས་གོང་ནད་པས་གསར་པའི་རམ་འདེགས་སྨན་བཅོས་དང་ལེན་བྱས་པ་དང་རམ་འདེགས་སྨན་བཅོས་ཀྱི་ཕན་འབྲས་ཡག་པོ་མ་ཐོན་པའི་གནས་ཚུལ་འོག་རང་རེའི་སྨན་ཁང་བྲང་ཕྱིའི་ནད་ཚན་ཁག་གིས་གོ་སྐབས་དམ་འཛིན་བྱས་ཏེ་གཞི་ཁྱོན་ཆུང་བའི་དུས་མཇུག་གི་ལྷེབ་སྒོའི་འབྲས་སྐྲན་ནད་པར་རྙོག་འཛིང་ཆེ་བའི“བྲང་ཁོག་མེ་ལོང་དང་ཕོ་ཁའི་མཐའ་སྣེའི་སྨན་བཅོས་བྱེད་ཐབས”སྤྱད་པ་དང་མིག་སྔར་ནད་པ་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་ཟིན་པ་དང་ནད་པ་དེ་བསྐྱར་དུ་ལྷེབ་སྒོའི་འབྲས་སྐྲན་ནད་པའི་སྨན་བཅོས་བྱེད་སྐབས་ཡང་བསྐྱར་རྙོག་འཛིང་ཆེ་བའི“བྲང་ཁོག་མེ་ལོང་དང་ཕོ་ཁའི་མཐའ་སྣེའི་སྨན་བཅོས་བྱེད་ཐབས”སྤྱད་དེ་གོ་སྐབས་དམ་འཛིན་བྱས་ཏེ་གྲུབ་འབྲས་ཐོབ་པའི་ངང་ནད་པ་ཞིག་གི་བྲང་ཁོག་མེ་ལོང་མཉམ་འབྲེལ་གྱི་ཕོ་ཁའི་མཐའ་སྣེ་ཁག་གཅིག་གཤགས་བཅོས་བྱས་པ་དང་ཕོ་ཁའི་ཚབ་ཟ་མ་ཟ་བའི་བྲང་ཁོག་མེ་ལོང་འཚམ་མཐུན་གཤགས་བཅོས་བྱས་པ་དེས་ནད་པ་དེ་དྲག་སྐྱེད་ཡོང་བ་མ་ཟད།ད་དུང་སྨན་ཁང་གི་གཤགས་བཅོས་ཆུ་ཚད་མཐོ་རུ་དང་སྨན་ཁང་གི་ནད་དཔྱད་ཕྱོགས་བསྡུས་དང་ནད་དཔྱད་མཉམ་འབྲེལ་བྱེད་པའི་ནུས་པ་མངོན་ཡོད།
འབྲེལ་ཡོད་རྩོམ་ཡིག
ཁྱེད་ཀྱིས་རྩོམ་ཡིག་འདི་མཐོང་བའི་མྱོང་ཚོར་ནི།

མིཡིས་དྲན་ཚུལ་བཏོན་ཡོད།

མིནང་དུ་ཞུགས་ཡོད་པ།དཔྱད་གླེང་ཚང་མར་ལྟ་བ།