དམིགས་བསལ་སྨན་རྫས་ཀྱི་བརྒྱུད་རིམ་ལེགས་སྒྲིག་རིམ་སྤོར.

ནད་པས་སྨན་པ་བསྟེན་པའི་མྱོང་ཚོར་རྒྱུན་མཐུད་ལེགས་སུ་གཏོང་བ་དང་།བང་སྒྲིག་སྒུག་སྡོད་ཉུང་དུ་གཏོང་བ།ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་ཀྱི་ཆེད་དུ།རང་ལྗོངས་སྨན་ཁང་གི་སྨན་བཅོས་འགན་བཅོལ་ཚན་ཁག་གིས་ཆ་འཕྲིན་ལྟེ་གནས་དང་ནོར་དོན་ཚན་ཁག་དང་མཉམ་འབྲེལ་ཐོག་དམིགས་བསལ་སྨན་རྫས་འབྲི་བ་དང་།ཞིབ་མཆན་འགོད་པ།དངུལ་སྤྲོད་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་ལེགས་སུ་བཏང་བ་དང་རིམ་སྤོར་བྱས་ནས།དམིགས་བསལ་སྨན་རྫས་ཀྱི་ཞབས་ཞུ་སྒྲིག་སྦྱོར་བྱེད་སྐབས།“བང་སྒྲིག་སྒུག་སྡོད་ཉུང་དུ་གཏོང་བ་དང་རྒྱུག་ཤར་གློད་པ།སེམས་ཁྲལ་ཆུང་དུ་གཏོང་བ”བཅས་ཀྱི་དམིགས་ཡུལ་མངོན་འགྱུར་བྱུང་ཡོད།དེ་གོང་དམིགས་བསལ་སྨན་རྫས་ལས་རིམ་རྙོག་འཛིང་ཆེ་བ་སྟེ།སྨན་པས་སྨན་ཐོ་བྲིས་པ་དང་འབྲེལ་ཞིབ་མཆན་འགོད་པའི་འཛིན་ཤོག་འབྲི་དགོས་པ་དང་།ནད་པས་སྨན་ཐོ་སྨན་བཅོས་འགན་བཅོལ་སྒེའུ་ཁུང་ལ་བསྐྱལ་ནས་བང་སྒྲིག་སྒུག་སྡོད་བྱེད་དགོས་པ།སྨན་རྫས་ལེན་སར་སོང་ནས་དངུལ་སྤྲོད་དགོས་པ་བཅས་བརྒྱུད་རིམ་མང་བ་དང་།ཕར་འགྲོ་ཚུར་ཡོང་མང་བ།སྒུག་ཡུན་རིང་བ་བཅས་ཀྱི་གནས་ཚུལ་ཐོན་ནས།སྨན་པའི་ཡིག་ཆའི་ཁུར་པོ་ལྕི་རུ་འགྲོ་བ་དང་ནད་པར་སེམས་ཁྲལ་ཆེ་རུ་འགྲོ་བའི་གནས་ཚུལ་ཐོན་གྱི་ཡོད།ད་ཐེངས་ལེགས་སུ་བཏང་རྗེས།བརྒྱུད་རིམ་ཁྱོན་ཡོངས་ནས་སྟབས་བདེ་རུ་གཏོང་རྒྱུ་སྟེ།
1.སྨན་པའི་ཁུར་པོ་ཡང་དུ་དང་ཕན་འབྲས་ཆེ་རུ་གཏོང་བ།དམིགས་བསལ་སྨན་རྫས་ཀྱི་སྨན་ཐོ་བྲིས་རྗེས་མ་ལག་དེ་མ་ཐག་ཞིབ་མཆན་ཐོ་ཡིག་རང་འགུལ་ངང་བཟོ་བ་དང་ལག་པས་རེའུ་མིག་སྐོང་མི་དགོས་པར་ཡིག་ཆའི་ལས་འབོར་ཆེས་ཆེར་ཆུང་དུ་གཏོང་བ་དང་སྨན་པས་སྨན་བཅོས་ཞབས་ཞུར་དོ་སྣང་བྱེད་ཐུབ་པ་བྱ་རྒྱུ།
2.ནད་པའི་ཁུར་པོ་ཡང་དུ་དང་ཞབས་ཞུ་མགྱོགས་མྱུར་གཉེར་བ།སྨན་ཁང་གི་སྨན་ཐོ་བྲིས་རྗེས་སྨན་བཅོས་འགན་བཅོལ་སྐར་ཁུང་དུ་བསྐྱོད་མི་དགོས་པ་དང་གྲལ་སྒྲིག་ནས་ཞིབ་མཆན་འགོད་མི་དགོས་པར་སྨན་བཅོས་འགན་བཅོལ་གྱི་ཞིབ་མཆན་འགོད་པའི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་ལེགས་གྲུབ་བྱུང་བ་དང་ནད་པ་ཐད་ཀར་སྨན་རིན་སྤྲོད་སའི་སྐར་ཁུང་དུ་སྤྲད་ནས་དུས་ཡུན་ཐུང་ཐུང་དུ་བསྐྱོད་ཆོག་པས་ནད་པ་སྨན་ཁང་དུ་སྐྱོད་མི་དགོས།ད་ཐེངས་རིམ་སྤོར་བྱས་པ་དེས“གྲངས་གཞི་མང་པོ་དེ་དག་གིས་ནད་པ་མང་པོ་ཞིག་ལ་སྐབས་འཕྲལ་དུ་སྨན་རིན་སྤྲོད་དགོས་པའི་སེམས་ཁྲལ་བཟོ་བ”དང་སྨན་ཁང་གི་བརྒྱུད་རིམ་ཁུ་བསྡུ་དང་ལས་ཆོད་ཆེ་རུ་བཏང་ནས་ནད་པར་སྨན་བཅོས་ཞབས་ཞུ་ཡག་པོ་བྱེད་ཐུབ་པ་བྱུང་ཡོད།
- ·མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་མཁལ་མའི་ཚན་ཁག.(06.08)
- ·མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་གི་བྲང་ཁོག་ཕྱི་ནད་ཚན.(06.02)
- ·དམིགས་བསལ་སྨན་རྫས་ཀྱི་བརྒྱུད་རིམ་ལེགས་སྒྲིག་རིམ་སྤོར.(05.29)
- ·མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་གིས་པེ་ཅིང་ཐན་ཐན་སྨན་ཁང་གི་..(05.22)
- ·མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་གིས་ནུ་མའི་གཤེར་རྨེན་ཕྱི་ཚན་..(04.27)
- ·སྙིང་ཕྱི་ཚན་ཁག་གིས“གློ་བའི་འཕར་རྩའི་ནང་དུ་སེམས་ནད་གཤ..(04.23)
- ·མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་གིས་སྙིང་ཁམས་ཕྱི་ནད་ཚན..(04.10)
- ·མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་གི་སྨན་དོན་ཁང་གི་ལས་དོན་རྣམ་གྲངས..(04.07)
- ·མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་གིས་ས་མཐོའི་རྒན་རྒོན་བདེ་ཐང..(04.02)
- ·རང་སྨན་ཁག་གི་ལས་མི་མེ་འགོག་ནུས་རྩལ་འགྲམ་སྡུར་བྱེད་པ།(12.29)
