{མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།}                                                                                         
དེ་རིང་ནི
མདུན་ངོས། དབུ་ཤོག > སྨན་ཁང་གསར་འགྱུར། > ནང་དོན་གྱི་ངོས།

མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་གིས་པེ་ཅིང་ཐན་ཐན་སྨན་ཁང་གི་..

དུས་ཚོད།2026--05--22--འབྱུང་ཁུངས།བོད་ཡིག་པར་ངོས།རྕོམ་པ་པོ།བོད་ཡིག་པར་ངོས།གཏགཐེངས།
མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་གིས་པེ་ཅིང་ཐན་ཐན་སྨན་ཁང་གི་རིགས་གཅིག་མཁས་ཅན་དང་མཉམ་དུ་རང་སྨན་ཁང་དུ་སྒོ་བསྟེན་སྨན་བཅོས་བྱ་ཡུལ་བཙུགས་པ།
མཚོ་བོད་ས་མཐོའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3000ལས་བརྒལ་བ་དང་དེ་གའི་གྲོང་མིས་ས་མཐོའི་དམིགས་བསལ་གྱི་གནམ་གཤིས་ཁོར་ཡུག་དང་འཐབ་རྩོད་བྱེད་དགོས་པ་མ་ཟད།ཀླད་ཁྲག་ནད་ཕོག་མང་བ་དང་སྤུས་ལེགས་སྨན་བཅོས་ཐོན་ཁུངས་མི་འདང་བའི་འགྲན་སློང་ཉིས་བརྩེགས་ལ་དེ་བས་ཁ་གཏད་གཅོག་དགོས་ཀྱི་ཡོད།དེ་སྔ་རྙོག་འཛིང་ཆེ་བའི་དབང་རྩའི་མ་ལག་གི་ནད་གཞི་ཕོག་པ་ནི་དུས་ཡུན་རིང་བའི་སྨན་བཅོས་འགྲུལ་བཞུད་ཅིག་བརྒྱུད་དགོས་པ་སྟེ།པེ་ཅིང་ཐེན་ཐན་སྨན་ཁང་དུ་སྐྱོད་དགོས་པ་དེ་རེད།ད་ཆ་འགྲུལ་བཞུད་དེ་རིགས་བརྒྱུད་དགོས་དོན་མེད་ཅིང་།ཀྲའོ་ཅི་ཙུང·ཝང་ཧྲའོ་དབང་རྩའི་ཚན་རིག་ཞིབ་འཇུག་ཁང་གི་ཚན་ཁག་དང་མཉམ་སྐྲུན་མཉམ་ལས་བྱས་པ་བརྒྱུད་མཚོ་སྔོན་རྒྱ་གྲམ་དམར་རྟགས་སྨན་ཁང་གིས་རྒྱང་རིང་སྒོ་བསྟེན་དང་རིག་ཚན་མང་བའི་ནད་དཔྱད་ལས་སྟེགས་དངོས་སུ་བསྐྲུན་ནས་ཐེན་ཐན་སྨན་ཁང་གི་རྩེར་སོན་དབང་རྩའི་ཚན་རིག་ཚན་ཁག་གི་སྨན་བཅོས་ཞབས་ཞུ་དྲ་བ་བརྒྱུད་ས་མཐོར་སྤེལ་བ་དང་ཟི་ལིང་དང་དེ་བཞིན་ཉེ་འཁོར་གྱི་མང་ཚོགས་ཀྱིས་མཚོ་སྔོན་དུ་བསྐྱོད་མི་དགོས་པར“པེ་ཅིང་ཐེན་ཐན་སྨན་ཁང་གི་ཨང་རྟགས”བཀོད་ནས་རང་ཁྱིམ་དུ་རྒྱལ་ཁབ་རིམ་པའི་དབང་རྩའི་ནད་དཔྱད་རུ་ཁག་གི་ཆེད་ལས་རྒྱབ་སྐྱོར་ཐོབ་ཐུབ་ཀྱི་ཡོད།
འབྲེལ་ཡོད་རྩོམ་ཡིག
ཁྱེད་ཀྱིས་རྩོམ་ཡིག་འདི་མཐོང་བའི་མྱོང་ཚོར་ནི།

མིཡིས་དྲན་ཚུལ་བཏོན་ཡོད།

མིནང་དུ་ཞུགས་ཡོད་པ།དཔྱད་གླེང་ཚང་མར་ལྟ་བ།