མདུན་ངོས། དབུ་ཤོག > སྨན་ཁང་གསར་འགྱུར། >
ནང་དོན་གྱི་ངོས།
ལེ་དབར་སྟོང་གི་སྨན་པས་རོགས་སྐྱོར་བྱས་པ་བརྒྱུད།མཚོ་སྔོན་རྒྱ..
ལེ་དབར་སྟོང་གི་སྨན་པས་རོགས་སྐྱོར་བྱས་པ་བརྒྱུད།མཚོ་སྔོན་རྒྱ་གྲམ་དམར་རྟགས་སྨན་ཁང་གི་ཁྲག་རྩའི་ཕྱི་ནད་ཚན་ཁག་གིས་རྙོག་འཛིང་ཆེ་བའི་ShamblinIIIརྟགས་ཅན་གྱི་སྐེ་རྨེན་བཤགས་བཅོས་ལེགས་གྲུབ་བྱུང་ཡོད།
ཡངས་ཤིང་རྒྱ་ཆེ་བའི་མཚོ་བོད་ས་མཐོར་ཐག་རིང་ལུང་ཁུག་ས་ཁུལ་མང་པོ་ཞིག་གི་མང་ཚོགས་ནད་གཞི་བརྟག་དཔྱད་བྱེད་པར་འགྲོ་དགོས་ཀྱི་ཡོད།ད་རེས་སྨན་པ་བསྟེན་པར་ཡོང་མཁན་ནི་བོད་རིགས་ནད་པ་གཉིས་ཡིན་པ་དང་།ནད་རྟགས་གསལ་པོ་ཤེས་པའི་ནད་པ་དེ་གཉིས་ཀྱི་སྐེའི་འཕར་རྩར་སྐྲན་ནད་རྒྱབ་ཡོད།སྐེའི་འཕར་རྩའི་སྐྲན་ནད་གཤག་བཅོས་བྱེད་པ་དེ་ཁྲག་རྩའི་ཕྱི་ནད་ཚན་ཁག་གི་དཀའ་ཚེགས་ཆེ་བའི་གཤག་བཅོས་ཀྱི་ཁོངས་སུ་གཏོགས་པ་དང་།སྐེའི་ནང་གི་འཕར་རྩ་དང་ཕྱིའི་འཕར་རྩའི་དབར་མཐུད་སྦྱོར་དམ་ཟབ་ཡོད་པས་གཤག་བཅོས་བྱེད་སྐབས་སྐེའི་ནང་གི་འཕར་རྩ་བརྗེ་སྒྱུར་བྱེད་དགོས་པ་དང་ཁྲག་ཤོར་བ་དང་།ཀླད་སྐྱོན་དང་དབང་རྩར་སྐྱོན་ཤོར་བ།དབང་པོ་སྐྱོན་ཅན་བཟོ་བ་སོགས་ཀྱི་ཉེན་ཁ་ཡོད་པས་གཤག་བཅོས་བྱེད་པའི་ཉེན་ཁ་དང་དཀའ་ཚེགས་ཆེན་པོ་ཡོད།བོད་རིགས་ནད་པ་དེ་གཉིས་ནང་སར་སྨན་པ་བསྟེན་པར་ཡོང་བར་དཀའ་ངལ་ཧ་ཅང་ཆེན་པོ་ཡོད།ལམ་ཐག་རིང་བ་དང་ལམ་རྒྱགས་མང་བ།སྐད་བརྡ་འཕྲོད་དཀའ་བ་བཅས་ཀྱི་དཀའ་ངལ་མང་པོ་ཡོད།ས་མཐོའི་མང་ཚོགས་ནད་གཞི་བརྟག་དཔྱད་བྱེད་པར་འགྲོ་བའི་དཀའ་ངལ་སེལ་ཆེད།མཚོ་སྔོན་རྒྱ་གྲམ་དམར་རྟགས་སྨན་ཁང་གིས་ས་ཁོངས་མཉམ་ལས་ཀྱི་སྨན་བཅོས་ལས་སྟེགས་བསྐྲུན་ནས་སི་ཁྲོན་སློབ་ཆེན་ཧྭ་ཤིན་སྨན་ཁང་དང་མཉམ་འབྲེལ་ཐོག་ནད་དཔྱད་སྨན་བཅོས་བྱས་ཏེ་རྒྱལ་ཡོངས་ཀྱི་སྨན་ཁང་གི་སྨན་པ་གདན་དྲངས་ནས་བོད་སྐྱོར་བྱས་ཏེ་བོད་རིགས་ནད་པ་གཉིས་ལ་གཤག་བཅོས་བྱས་པ་དང་།སྨན་བཅོས་ཀྱི་གྲུབ་འབྲས་བཟང་པོ་ཐོབ་ནས་ས་མཐོའི་ནད་པར་སྨན་བཅོས་བྱེད་པའི་ནུས་པ་ཆེ་རུ་ཕྱིན་ཡོད།

འབྲེལ་ཡོད་རྩོམ་ཡིག
- ·ལེ་དབར་སྟོང་གི་སྨན་པས་རོགས་སྐྱོར་བྱས་པ་བརྒྱུད།མཚོ་སྔོན་རྒྱ..(11.11)
- ·【མཚོ་སྔོན་ལྷོ་རྒྱུད་ཀྱི་སྨན་བཅོས་རོགས་སྐྱོར】ནུས་ཆེའི་སློབ་གྲྭས་..(11.05)
- ·【སྤྱི་བསྒྲགས】མཚོ་སྔོན་རྒྱ་གྲམ་དམར་རྟགས་སྨན་ཁང..(11.09)
- ·ལག་རྩལ་གྱི་ཐོག་ནས་སྐྱོབ་ཐབས་གསར་པ་བཏོད་པ།ཚད་བ..(10.30)
- ·མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་གི་སྙིང་ནད་ཁུལ་གཉིས..(10.10)
- ·མཚོ་སྔོན་རྒྱ་གྲམ་དམར་རྟགས་སྨན་ཁང་གི་འཕྲལ་བཅོས་ICU..(09.23)
- ·མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་དབང་རྩའི་ཕྱི་བཅོས་ཚན་ཁག་གིས་རྒྱལ་ཁ..(08.21)
- ·“གློ་བུར་དུ་ཤི་བའི་ནད་གཞི་དྲག་སྐྱེད”བྱུང་བའི་མཚར..(08.12)
- ·མཚོ་སྔོན་རྒྱ་གྲམ་དམར་རྟགས་སྨན་ཁང་གི་རིག་ཚན་མ..(07.16)
- ·མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་གིས་ཁྲག་རྩའི་ཕྱི་..(06.24)
ཁྱེད་ཀྱིས་རྩོམ་ཡིག་འདི་མཐོང་བའི་མྱོང་ཚོར་ནི།
