{མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།}                                                                                         
དེ་རིང་ནི
མདུན་ངོས། དབུ་ཤོག > སྨན་ཁང་གསར་འགྱུར། > ནང་དོན་གྱི་ངོས།

མཚོ་སྔོན་རྒྱ་གྲམ་དམར་རྟགས་སྨན་ཁང་གིས་ཁྲི་འདུ་རྫོང་མི་དམང..

དུས་ཚོད།2025--11--05--འབྱུང་ཁུངས།བོད་ཡིག་པར་ངོས།རྕོམ་པ་པོ།བོད་ཡིག་པར་ངོས།གཏགཐེངས།
བོད་ཡིག་པར་ངོས།

སྨན་བཅོས་ཐོན་ཁུངས་སྤུས་ལེགས་གཞི་རིམ་དུ་གཤམ་སྐྱོད་བྱེད་པའི་དམངས་ཕན་སྲིད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད།ཟླ་10ཚེས་27ཉིན་ནས་ཟླ་10ཚེས་31ཉིན་བར་མཚོ་སྔོན་རྒྱ་གྲམ་དམར་རྟགས་སྨན་ཁང་མཚོ་སྔོན་ལྷོ་རྒྱུད་སྨན་བཅོས་རོགས་སྐྱོར་ཚོགས་པས་ཁྲི་འདུ་རྫོང་མི་དམངས་སྨན་ཁང་དང་མཉམ་འབྲེལ་ཐོག་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་དང་།ཁོག་ནད་ཚན་ཁག་དང་།བུད་མེད་ཚན་ཁགཕོ་ཁའི་ཕྱི་ནད་ཚན་ཁག་རུས་ཚན།བོད་ལུགས་གསོ་རིག་ཁོའོ།བརྟག་བཤེར་ཁོའོ།ཚད་བརྒལ་སྒྲའི་ཁོའོ་སོགས་རིག་གཞུང་ཚན་ཁག་མང་པོའི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ།ཁྲི་འདུ་རྫོང་བྲག་སྟོད་ཤང་དང་དཀར་སྟོད་ཤང་དུ“ཏང་འཛུགས་སྐྱོང་གིས་ལས་འགན་ལ་ཁྲིད་སྟོན་དང་།ཐོན་ཁུངས་གཤམ་སྐྱོད་ཀྱིས་དམངས་འཚོར་ཕན་འདོགས་པའི”བརྗོད་དོན་གཙོ་བོའི་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་རེད།

ངས་བལྟས་ན།

འོས་འགན་སྨན་བཅོས་ཚོགས་པས་ས་བབ་མཐོ་བ་དང་ལམ་ཐག་རིང་བ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ་ཆེད་ལས་ལག་རྩལ་དང་དྲོ་སྐྱིད་ལྡན་པའི་ཞབས་ཞུར་བརྟེན་ནས་ས་གནས་དེ་གའི་མང་ཚོགས་ལ་ནད་བརྟག་སྨན་བཅོས་དང་།བདེ་ཐང་བློ་འདྲི།སྨན་སྤྱོད་མཛུབ་ཁྲིད།དེ་བཞིན་བོད་ལུགས་གསོ་རིག་དང་བོད་སྨན་ཟུང་འབྲེལ་གྱི་ཁྱད་ལྡན་ཞབས་ཞུ་བཅས་མཁོ་འདོན་བྱས་པ་དང་འབྲེལ་ཁྲག་ཤེད་ཚད་ལེན་དང་།ཚད་བརྒལ་ཞིབ་བཤེར།རྒྱུན་གཏན་གྱི་ཞིབ་བཤེར་སོགས་ཀྱི་གཞོགས་འདེགས་ཞིབ་བཤེར་བྱས་ཏེ་གཞི་རིམ་མང་ཚོགས་ཀྱི“ནད་ལྟ་དཀའ་བ་དང་ནད་ལྟ་དཀའ་བའི”གནད་དོན་ཐག་གཅོད་ཏན་ཏིག་བྱས་པ་རེད།

ངས་བལྟས་ན།

ད་ཐེངས་ཀྱི་བྱེད་སྒོའི་ནང་མང་ཚོགས་མི་ཐེངས་200ཙམ་ལ་ཞབས་འདེགས་ཞུས་པ་དང་།བདེ་ཐང་དྲིལ་བསྒྲགས་དཔྱད་ཡིག་དང་སྨན་རྫས་ཁྱོན་300ལྷག་ཙམ་སྤྲད་པ།གཞི་རིམ་མང་ཚོགས་ཀྱི་བདེ་ཐང་འདུ་ཤེས་དང་ནད་གཞི་སྔོན་འགོག་གི་ནུས་པ་ཆེ་རུ་ནུས་ལྡན་ཕྱིན་པ།སྨན་བཅོས་རོགས་སྐྱོར་ཚོགས་པས་ས་མཐོར་ཞབས་འདེགས་ཞུ་བ་དང་མང་ཚོགས་བློ་ལ་འཆང་བའི་འགན་འཁྲི་འཁུར་སེམས་མཚོན་པ།ས་གནས་དེ་གའི་མང་ཚོགས་ཀྱི་བསྔགས་བརྗོད་མགྲིན་གཅིག་ཏུ་ཐོབ་པ་བཅས་རེད།

འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་བརྒྱུད་སྨན་བཅོས་སྒྲིག་གཞི་དང་གཞི་རིམ་མང་ཚོགས་དབར་གྱི་བར་ཐག་སྔར་བས་ཉེ་རུ་ཕྱིན་ནས་སྤུས་ལེགས་སྨན་བཅོས་ཞབས་ཞུ་དངོས་འབྲེལ་གྲོང་གསེབ་དང་ཁྱིམ་ཚང་དུ་སྤེལ་ཐུབ་པ་བྱུང་བ་དང་ཆབས་ཅིག་ཚོགས་པས་ད་དུང་ས་གནས་དེ་གའི་སྨན་དོན་མི་སྣའི་ལག་རྩལ་སྤེལ་རེས་ལ་ཤུགས་སྣོན་དང་།སྔོན་ཐོན་གྱི་ནད་བརྟག་སྨན་བཅོས་ཀྱི་འདུ་ཤེས་དང་བྱེད་ཐབས་མཉམ་སྤྱོད།གཞི་རིམ་གྱི་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་རོགས་བཅས་བྱ་རྒྱུར་མཐོང་ཆེན་བྱས་ཏེ་ཡུན་རིང་རྒྱུན་མཐུད་ཆོག་པའི་བདེ་ཐང་ཞབས་ཞུ་མངོན་འགྱུར་བྱ་ཆེད་རྨང་གཞི་བཏིང་བ་རེད།འོས་འགན་སྨན་བཅོས་བྱེད་སྒོས་ས་མཐོའི་མི་སེར་གྱི་བདེ་ཐང་འཚོ་བར་ཡིད་ཆེས་དང་སྟོབས་ཤུགས་དེ་བས་མང་བ་བསྣན་ཡོད།འབྱུང་འགྱུར་མཚོ་སྔོན་ལྷོ་རྒྱུད་སྨན་བཅོས་རོགས་སྐྱོར་ཚོགས་པས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ཐག་རིང་ལུང་ཁུག་ས་ཁུལ་དུ་སྣུར་སྲིང་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་བདེ་ཐང་མཚོ་སྔོན་འཛུགས་སྐྲུན་ལ་རམ་འདེགས་བྱས་ཏེ་ས་མཐོའི་མི་སེར་ལ“བདེ་ཐང་སྲུང་ཡོལ”བརྟན་པོ་ཞིག་བསྐྲུན་རྒྱུ་རེད།

འབྲེལ་ཡོད་རྩོམ་ཡིག
ཁྱེད་ཀྱིས་རྩོམ་ཡིག་འདི་མཐོང་བའི་མྱོང་ཚོར་ནི།

མིཡིས་དྲན་ཚུལ་བཏོན་ཡོད།

མིནང་དུ་ཞུགས་ཡོད་པ།དཔྱད་གླེང་ཚང་མར་ལྟ་བ།