མཚོ་སྔོན་རྒྱ་གྲམ་དམར་རྟགས་སྨན་ཁང་གི་མཆིན་པ་མགོ་ལོག་དར་ལག་རྫོང་དུ་འབུ་ཐུམ་གྲལ་བཤེར་ལས་དོན་སྤེལ་བ།
《2025ལོའི་མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་རྣམ་གྲངས་ལག་བསྟར་ཇུས་གཞིའི》ཡིག་ཆའི་ནང་དོན་ལ་གཞིགས་ན།ཐུམ་འབུའི་ནད་འགོག་བཅོས་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཐུམ་འབུའི་ནད་མཆེད་རྒྱུ་སྔར་བས་ཚོད་འཛིན་བྱ་ཆེད།ཟླ་3པ་ནས་4པའི་བར་མཚོ་སྔོན་རྒྱ་གྲམ་དམར་རྟགས་སྨན་ཁང་གི་གློ་བའི་གཉན་ཚད་ཕྱི་ནད་མཉམ་འབྲེལ་སྒྲ་བརྒལ་ཚན་ཁག་གིས་གྲུབ་པའི་ཆེད་ལས་ཚོགས་པ་གྲུབ་ནས་གཙོ་གནད་དར་ཁྱབ་ཁུལ་མགོ་ལོག་དར་ལག་རྫོང་དུ་འབུ་ཐུམ་གྲལ་བཤེར་ལས་དོན་སྤེལ་བ་རེད།
ད་ཐེངས་དུས་ཡུན་ཟླ་1ཙམ་གྱི་གྲལ་བཤེར་དེ་དར་ལག་རྫོང་བདེ་ཞིང་ཤང་དང་།ལག་མཐིལ་ཤང་།ནག་ཚང་ཤང་བཅས་སུ་ཁྱབ་ཡོད་པ་རེད།གྲལ་བཤེར་མི་ཚོགས་ལ་ཞག་སྡོད་སློབ་ཆུང་དང་།བུ་བཅོལ་ཁང་།ས་གནས་དེ་གའི་གྲོང་མི་བཅས་ཚུད་ཡོད་པ་རེད།མཚོ་སྔོན་རྒྱ་གྲམ་དམར་རྟགས་སྨན་ཁང་གི་རིགས་གཅིག་མཁས་ཅན་དང་ས་གནས་དེ་གའི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་གཞོགས་འདེགས་ཧུར་ཐག་བྱས་ཏེ་ཁྱོན་མི་6700ལྷག་ཙམ་གྲལ་བཤེར་དང་དྲིལ་བསྒྲགས་ལག་དེབ་2000ཙམ་སྤྲད་པ་རེད།ཐུམ་འབུའི་ནད་ཀྱི་ཤེས་བྱ་འགྲེལ་བཤད་དང་བདེ་ཐང་གི་ཤེས་བྱ་དྲིལ་བསྒྲགས་བྱས་པར་ས་གནས་དེ་གའི་མང་ཚོགས་ཀྱི་དང་ལེན་དང་བསྔགས་བརྗོད་ཐོབ་ཡོད་པ་རེད།
- ·མཚོ་སྔོན་རྒྱ་གྲམ་དམར་རྟགས་སྨན་ཁང་གི་མཆིན་པ་མགོ་ལོག་དར་ལག་རྫོང་དུ་འབུ་ཐུམ་གྲ(04.30)
- ·མཚོ་སྔོན་རྒྱ་གྲམ་དམར་རྟགས་སྨན་ཁང་དང་མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་གིས་བྲག་དཀར་(04.28)
- ·རང་སྨན་ཁང་མཚོ་ཤར་རྫོང་ལ་སོང་ནས་སློབ་ཁྲིད་བྱེད།(04.25)
- ·རང་སྨན་ཁང་ལ་འཚོ་བཅུད་དཔྱད་བཅོས་ཀྱི་ཆོག་འཆན་གནང་།(04.21)
- ·རང་སྨན་ཁང་གིས་ནད་པ་ལ་ཞབས་ཞུ་ལེགས་པོ་སྒྲུབ །(04.18)
- ·རང་སྨན་ཁང་གི་མྱུར་སྐྱོབ་དྲིལ་བསྒྲགས་བྱེད།(04.15)
- · འབུམ་རམས་པའི་ཁོངས་མི་རང་སྨན་ཁང་དུ་རོགས་སྐྱོར་ལས་གཞི་ལ་ཞུགས།(03.13)
- ·རང་སྨན་ཁང་ལ“རིམ་པ་གསུམ་པའི་ཀ་པའི་སྨན་ཁང”ཡི་ཞིབ་དཔྱད་བྱེད།(03.03)
- ·སྨན་ཁང་གི་ལས་བཟོ་བ་རིན་མེད་ཁྲག་འབུལ་ལ་ཞུགས།(02.21)
- · རང་སྨན་ཁང་གི་མྱུར་སྐྱོབ་སློབ་ཁྲིད་བྱེད།(03.05)