{མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།}                                                                                         
དེ་རིང་ནི
མདུན་ངོས། དབུ་ཤོག > སྨན་ཁང་གསར་འགྱུར། > ནང་དོན་གྱི་ངོས།

མཚོ་སྔོན་རྒྱ་གྲམ་དམར་རྟགས་སྨན་ཁང་དང་མཚོ་ལྷོ་ཁུལ་མི་དམངས་སྨན་ཁང་གིས་བྲག་དཀར་རྫོང་དུ་འོས་འགན་སྨན་བཅོས་བྱས།

དུས་ཚོད།2025--04--28--འབྱུང་ཁུངས།བོད་ཡིག་པར་ངོས།རྕོམ་པ་པོ།བོད་ཡིག་པར་ངོས།གཏགཐེངས།
མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་མཚོ་སྐོར་སྨན་བཅོས་རོགས་སྐྱོར་རུ་ཁག་གིས་མཚོ་ལྷོ་ཀྲོའུ་ཡི་མི་དམངས་སྨན་ཁང་དང་མཉམ་འབྲེལ་བྱས་ཏེ་བྲག་དཀར་རྫོང་དུ་འོས་འགན་སྨན་བཅོས་གསོ་སྦྱོང་བྱས།

 

ད་ཐེངས་ཀྱི་བྱེད་སྒོ་དེ་མཚོ་ལྷོ་ཀྲོའུ་མི་དམངས་སྨན་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡོན་ཀྲང་དབྱང་ཅན་ཀང་གིས་སྣེ་ཁྲིད་པ་དང་།མཚོ་སྐོར་སྨན་བཅོས་ཡན་ལག་སྨན་ཁང་གི་རུ་དཔོན་ལི་ཐུང་གིས་མཚོ་སྔོན་རྒྱ་གྲམ་དམར་རྟགས་སྨན་ཁང་དང་དེ་བཞིན་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་ཁང་གི་ཁོག་ནད་ཚན་ཁག་དང་།དྲག་སྐྱེད་བྱུང་བ།པགས་པ།སྐྲན་ནག་ཚན་ཁག་བཅས་ཀྱི་སྨན་པ་མང་པོ་ཞིག་ཁྲིད་དེ་ཞུགས་ཡོད་པ་རེད།ས་གནས་དེ་གའི་མང་ཚོགས་ལ་སྨན་ཡོན་མི་དགོས་པའི་ནད་ཡམས་བརྟག་དཔྱད་དང་།བདེ་ཐང་བློ་འདྲི།སྨན་སྤྱོད་མཛུབ་ཁྲིད་བཅས་བྱས་པར་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།

སྨན་ཁང་གིས་དབུགས་ལམ་སྟོད་མའི་འགོས་ནད་དང་།དལ་བའི་རང་བཞིན་གྱི་ཕོ་བའི་གཉན་ཚད།ཁྲག་ཤེད་མཐོ་བའི་ནད།སྙིང་ནད་ཀྱི་ནད།མིག་འབྲས་སྐྱི་མོའི་གཉན་ཚད་སོགས་འབྲེལ་ཡོད་ནད་རིགས་ཀྱི་རིན་ཐང་སྒོར་1500ཙམ་ཟིན་པའི་རྒྱུན་སྤྱོད་སྨན་རྫས་གྲ་སྒྲིག་བྱས་ཏེ་དགོས་མཁོ་ཡོད་པའི་མང་ཚོགས་ལ་སྤྲད་དེ་ཁོ་ཚོའི་སྨན་སྤྱོད་ཀྱི་དཀའ་གནད་ནུས་ལྡན་ངང་བསལ་བ་རེད།

 

 

མཐའ་མར་མཚོ་སྔོན་རྒྱ་གྲམ་དམར་རྟགས་སྨན་ཁང་གི་བདེ་ཐང་སླར་གསོའི་ཚན་ཁག་དང་།མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་ནང་ཟགས་ཐོན་དང་དབང་རྩའི་ཁོག་ནད་ཚན་ཁག་གི་སྨན་པས་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་སྨན་དོན་མི་སྣར《སྐེ་ཚིགས་ནད་ཀྱི་ནད་བརྟག་སྨན་བཅོས་དང་བདེ་ཐང་སླར་གསོའི་ཕྱོགས་སྟོན》དང《མངར་ཆ་གཅོག་པའི་སྨན་གྱི་རིགས་དབྱེ་བ་དང་བེད་སྤྱོད》《ཀླད་རྩ་འགག་པའི་ནད་བརྟག་དཔྱད་དང་སྨན་བཅོས》སོགས་འབྲེལ་ཡོད་སྨན་བཅོས་གསོ་སྦྱོང་བྱས་ནས་ནད་ཐོག་ཉམས་མྱོང་དང་ལག་རྩལ་གསར་པ་མཉམ་སྤྱོད་བྱས་ཏེ་གཞི་རིམ་གྱི་སྨན་བཅོས་ཆུ་ཚད་སྔར་བས་མཐོ་རུ་བཏང་བ་རེད།

འབྲེལ་ཡོད་རྩོམ་ཡིག
ཁྱེད་ཀྱིས་རྩོམ་ཡིག་འདི་མཐོང་བའི་མྱོང་ཚོར་ནི།

མིཡིས་དྲན་ཚུལ་བཏོན་ཡོད།

མིནང་དུ་ཞུགས་ཡོད་པ།དཔྱད་གླེང་ཚང་མར་ལྟ་བ།