མཚོ་སྔོན་རྒྱ་གྲམ་དམར་པོའི་སྨན་ཁང་གིས་ཨོལ་རྨེན་ཕྱི་ནད་ཚན་ཁག་ཏུ་མིག.

ནད་པར་དེ་བས་སྤུས་ལེགས་དང་དེ་བས་རང་གཤིས་ཅན་གྱི་སྨན་བཅོས་ཞབས་ཞུ་སྔར་བས་མཁོ་འདོན་བྱ་ཆེད།ཟླ་4ཚེས་18ཉིན་མཚོ་སྔོན་རྒྱ་གྲམ་དམར་རྟགས་སྨན་ཁང་གི་རྣ་སྣ་མིག་གསུམ་གྱི་ནད་ཁུལ་གཉིས་པས་ཧུའུ་ནན་ཞིང་ཆེན་སྐྲན་ནད་སྨན་ཁང་གི་དགེ་རྒན་ཆེ་མོ་བ་ཕེང་ཞའོ་ཝུའེ་ཆེད་མངགས་གདན་འདྲེན་ཞུས་ནས་གཤགས་བཅོས་སློབ་ཁྲིད་ཀྱི་ཁོག་ཤེལ་ལྟ་ཆས་ཀྱིས་ཨོལ་རྨེན་གྱི་ངན་སྐྲན་གཤགས་བཅོས་བྱེད་པའི་མཉམ་འབྲེལ་ས་ཁོངས་རྨེན་བུ་གཙང་སེལ་གཤགས་བཅོས་བདེ་བླག་ངང་སྤེལ་བ་དང་དཔེ་སྟོན་བྱས་པ་དང་།ད་ཐེངས་ཀྱི་གཤགས་བཅོས་བདེ་བླག་ངང་ལེགས་གྲུབ་བྱུང་བ་དེ་ཐོག་ནས་མཚོ་སྔོན་རྒྱ་གྲམ་དམར་རྟགས་སྨན་ཁང་གི་ཨོལ་རྨེན་ཕྱི་ནད་ཚན་ཁག་གི་གསང་བའི་གཤགས་བཅོས་ལག་རྩལ་སྐས་རིམ་གསར་པར་སླེབས་པ་མཚོན་ཡོད་པ་རེད།
གཤགས་བཅོས་བྱ་ཡུལ་དུ་དགེ་རྒན་ཆེ་མོ་བ་ཕེང་ཞའོ་ཝུའེ་ཡིས་རྨང་གཞི་བརྟན་པའི་ཆེད་ལས་ཀྱི་ཤེས་བྱ་དང་ལག་རྩལ་ལ་བརྟེན་ནས་གསལ་ཆ་དོད་པའི་ཁོག་ཤེལ་མ་ལག་དང་ཟུང་འབྲེལ་བྱས་ཏེ་གཤགས་བཅོས་ཀྱི་ལས་རིམ་ཧྲིལ་པོ་ཞིབ་ཚགས་ངང་བསྒྲུབས་པ་དང་གཞོགས་རིགས་ཀྱི་ཨོལ་རྨེན་དང་དེ་བཞིན་སྐྲན་ནད་ཚབས་ཆེན་གཤགས་བཅོས་བྱས་པ་མ་ཟད།ས་ཁོངས་རྨེན་བུ་གཙང་སེལ་བྱས་པ་དང་གཤགས་བཅོས་ཀྱི་རྨ་ཁ་ཉུང་དུ་བཏང་ནས་བདེ་འཇགས་དང་རྩ་བཅོས་རང་བཞིན་གྱི་འགན་ལེན་བྱས་པ་རེད།མཚོ་སྔོན་རྒྱ་གྲམ་དམར་རྟགས་སྨན་ཁང་གི་རྣ་སྣ་མིད་གསུམ་ནད་ཁུལ་གཉིས་ཀྱི་ཨོལ་རྨེན་ཕྱི་ནད་ཚན་ཁག་གི་ཚོགས་པས་ལས་རིམ་ཧྲིལ་པོར་ལྟ་སྦྱོང་བྱས་པ་དང་གཤགས་བཅོས་ཀྱི་གཙོ་གནད་འགྲེལ་བཤད་ནན་ཏན་ངང་ཉན་པ་མ་ཟད།གཤགས་བཅོས་ཀྱི་འགྲོ་ལུགས་དང་།ལག་རྩལ།ནད་རྟགས་སྔོན་འགོག་སོགས་ཀྱི་ཐད་ཁོང་དུ་ཆུད་པ་བྱས་པས་གཤགས་བཅོས་ནུས་ལྡན་ཐུབ་ནས་གཤགས་བཅོས་རྗེས་ཀྱི་ནད་པའི་གཟུགས་པོའི་གནས་ཚུལ་དང་སྐད་གདངས་སོགས་ལེགས་པོ་ཡོད་པ་རེད།
