མཚོ་སྔོན་ཉི་འོད་གསོ་རིག་ལོ་རྒྱུས་རྟེན་མཛོ་ཁང་།
“མཚོ་སྔོན་ཉི་འོད་གསོ་རིག་ལོ་རྒྱུས་རྟེན་མཛོ་ཁང”ནི་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་ཕྱི་ནད་ཐོག་ཁང་གི་སུམ་ཐོག་ན་ཡོད་ཅིང་སྤྱིསི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ༣༨༩ཡོད།༢༠༠༨ལོར་མཚོ་སྔོན་ཞིང་ཆེན་རིག་གནས་ཐིན་གྱིས་དངོས་སུ་ཆོག་མཆན་གནང་ནས་བཙུགས་ཤིང་།མཚོ་སྔོན་ཞིང་ཆེན་དམངས་ཁྲོད་སྒྲིག་འཛུགས་དོ་དམ་ཅུས་ནས་ཁྲིམས་སྲོལ་ལྟར་མཚན་རྟགས་བཀོད་ཅིང་ཁེ་ལས་མ་ཡིན་པའི་དམངས་ཁྲོད་སྒྲིག་འཛུགས་དོ་དམ་ཅུས་ནས་ཁྲིམས་སྲོལ་ལྟར་མཚན་རྟགས་བཀོད་ཅིང་ཁེ་ལས་མ་ཡིན་པའི་དམངས་སྒྲུབ་ལས་ཁུངས་ཤིག་ཡིན།ད་ལྟ་རྟེན་མཛོད་ཁང་དུ་གསོ་རིག་རིག་དངོས་ཁྲི་གཅིག་ལྷག་ཡོད་པས།མིག་སྔར་རྒྱལ་ནང་གི་ཕྱོགས་བསྡུས་རང་བཞིན་གྱི་གསོ་རིག་འགྲོ་བ་མིའི་རིག་པའི་རྟེན་མཛོད་ཁང་ཐིག་མར་གྱུར་ཡོད་པ་རེད། “མཚོ་སྔོན་ཉི་འོད་གསོ་རིག་ལོ་རྒྱུས་རྟེན་མཛོ་ཁང”ནང་བཤམས་པའི་རིག་དངོས་སུ་འཛམ་གླིང་གསོ་རིག་ལོ་རྒྱུས་དང་།ཀྲུང་གོ་གསོ་རིག་ལོ་རྒྱུས།བོད་ཀྱི་གསོ་བ་རིག་པ།སོག་པོའི་སྨན་བཅོས།ཡུ་གུར་རིགས་ཀྱི་སྨན་བཅོས།མིའོ་རིགས་ཀྱི་སྨན་བཅོས།ཨ་རབ་པོའི་སྨན་བཅོས་བཅས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་གསོ་བ་རིག་པའི་ཤེས་བྱ་དང་མཚོ་སྔོན་གྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་སྨན་རྩྭའི་ཤེས་བྱ་སོགས་ཡོད་པར་མ་ཟད།ད་དུང་སྨན་ཁང་གི་ལོ་རྒྱུས་བཤམ་སྟོན་ཁང་དང་།མི་ལུས་གཤག་བཅོས་ནད་ལུགས་དངོས་དཔེ་ཁང་སོགས་ཀྱང་ཡོད།
- ·རང་སྨན་ཁང་གི“5.12”རྒྱལ་སྤྱིའི་ནད་གཡོག་དུས་ཆེན་གཏོང་བ།(05.13)
- ·རང་སྨན་ཁང་གི་སྙན་ཚིག་ཀློག་འདོན་འགྲན་བསྡུར་བྱེད།(04.27)
- ·རང་སྨན་ཁང་གི་སྐྲན་ནད་འགོག་བཅོས་དྲིལ་བསྒྲགས་བྱེད།(04.27)
- ·རང་སྨན་ཁང་གི་ར་རྒྱ་གྲོང་རྡལ་སྨན་ཁང་ལ་གྲོས་མཐུན་ཡི་གེ་བཞག(04.01)
- ·རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་འཚམས་འདྲི་ཞུ་བ།(03.10)
- ·པུ་ལོན་ཏུའི་རྒྱལ་ཁབ་ལ་སྨན་བཅོས་རོགས་སྐྱོར་དུ་འགྲོ་བ།(03.10)
- ·གནམ་ལོ་གསར་ཚེས་ལ་འཚམས་འདྲི་ཞུ་བ།།(02.08)
- ·རང་སྨན་ཁང་གི་ལས་བཟོ་བ་མང་པོ་རིན་མེད་ཁྲག་འབུལ་ལ་ཞུགས།(02.08)
- ·རང་སྨན་ཁང་གི་ཡུལ་ཤུལ་ཁུལ་ལ་སྨན་བཅོས་རོགས་སྐྱོར་བྱེད།(01.19)
- ·སྨན་ལས་མི་སྣ་ཡུལ་ཤུལ་ནང་ཆེན་རྫོང་མི་དམངས་སྨན་ཁང་ཕྱིན།(01.19)