སྔོན་ཐོན་གྱི་སྒྲིག་ཆས།
མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་འགྱེད་འཕྲོ་གསོ་བཅོས་ཚན་ཁག་གིས་ཨ་མེ་རི་ཁའི་ཝ་ལི་ཨན་ཀུར་སིས་ཐོན་སྐྱེད་བྱས་པའི(CLINAC CX)འཕྲུལ་ཆས་ཏེ་སྨན་སྦྱོར་བྱེད་ཚད་མཐོ་ལ།ཡིད་རྟོན་རུང་བའི་འགྱེད་འཕྲོ་དྲང་ཐིག་གི་མྱུར་ཚད་ཇེ་མགྱོགས་སུ་གཏོང་ཐུབ་པའི་སྨན་སྤྱོད་འཕྲུལ་ཆས་གཅིག་དང་།འཆར་ལྡན་གསོ་བཅོས་མ་ལག(EcIipse8.9)ཆ་ཚང་ཞིག་དང་།བྱེད་ནུས་སྣ་མང་ཅན་གྱི་ཉེ་གནས་འགྱེད་འཕྲོ་གསོ་བཅོས་མ་ལག(KLZ-HDR-C)ཆ་ཚང་ཞིག ཡང་དག་ཡིན་ཚད་མཐོ་བའི་ལད་ཟློས་གནས་བསྟན་འཕྲུལ་ཆས་གཅིག་བཅས་བེད་སྤྱོད་བྱེད་བཞིན་ཡོད་པ་དང་།སྒྲིག་ཆས་དེ་དག་ནི་ད་སྔ་རྒྱལ་ཡོངས་ཀྱི་ཆེས་བཟང་ཤོས་དང་ཞིང་ཆེན་ནང་ཁུལ་དུ་ཨང་དང་པོ་ཡིན།ད་ལྟ་ཚན་ཁག་འདིས་ལུས་ཕུང་ཡོངས་ཀྱི་མ་ལག་སོ་སོའི་སྐྲན་ནད་རིགས་ལ་བརྟག་དཔྱད་དང་དུས་མཚམས་འབྱེད་པ།མ་ལག་སོ་སོའི་སྐྲན་ནད་དྲུངས་ནས་འབྱིན་པའི་འགྱེད་འཕྲོ་གསོ་བཅོས།འགྱེད་འཕྲོ་གསོ་བཅོས་དང་རྫས་འགྱུར་གསོ་བཅོས་དུས་མཉམ་དུ་བྱེད་པའི་བཅོས་ཐབས།གཤག་བཅོས་མ་བྱས་སྔོན་དང་གཤག་བཅོས་བྱས་རྗེས་སུ་གསོ་རིགས་རང་བཞིན་གྱི་འགྱེད་འཕྲོ་གསོ་བཅོས་བྱེད་པ་དང་འགོར་འགྱངས་སོང་བའི་སྐྲན་ནད་རིགས་ལ་སྐབས་བབ་ཀྱི་འགྱེད་འཕྲོ་གསོ་བཅོས་བྱེད་བཞིན་ཡོད།
- ·རང་སྨན་ཁང་གི“5.12”རྒྱལ་སྤྱིའི་ནད་གཡོག་དུས་ཆེན་གཏོང་བ།(05.13)
- ·རང་སྨན་ཁང་གི་སྙན་ཚིག་ཀློག་འདོན་འགྲན་བསྡུར་བྱེད།(04.27)
- ·རང་སྨན་ཁང་གི་སྐྲན་ནད་འགོག་བཅོས་དྲིལ་བསྒྲགས་བྱེད།(04.27)
- ·རང་སྨན་ཁང་གི་ར་རྒྱ་གྲོང་རྡལ་སྨན་ཁང་ལ་གྲོས་མཐུན་ཡི་གེ་བཞག(04.01)
- ·རྒྱལ་སྤྱིའི་བུད་མེད་དུས་ཆེན་ལ་འཚམས་འདྲི་ཞུ་བ།(03.10)
- ·པུ་ལོན་ཏུའི་རྒྱལ་ཁབ་ལ་སྨན་བཅོས་རོགས་སྐྱོར་དུ་འགྲོ་བ།(03.10)
- ·གནམ་ལོ་གསར་ཚེས་ལ་འཚམས་འདྲི་ཞུ་བ།།(02.08)
- ·རང་སྨན་ཁང་གི་ལས་བཟོ་བ་མང་པོ་རིན་མེད་ཁྲག་འབུལ་ལ་ཞུགས།(02.08)
- ·རང་སྨན་ཁང་གི་ཡུལ་ཤུལ་ཁུལ་ལ་སྨན་བཅོས་རོགས་སྐྱོར་བྱེད།(01.19)
- ·སྨན་ལས་མི་སྣ་ཡུལ་ཤུལ་ནང་ཆེན་རྫོང་མི་དམངས་སྨན་ཁང་ཕྱིན།(01.19)